Loading...

པར་སྒྲིག་མཉེན་ཆས་ Adobe Photoshop CS6 ནི་དཔེ་སྒྲིག་བརྙན་རིས་སྒྲིག་སྦྱོར་སོགས་ལས་ཀ་གང་བྱས་ཀྱང་ངེས་པར་དགོས་མཁོ་ཆེ་བའི་མཉེན་ཆས་ཤིག་ཡིན། འོན་ཀྱང་དེའི་ནང་དུ་ཡང་བོད་ཡིག་འཐོར་ནས་དབྱངས་དང་འདོགས་ཅན་བརྩེགས་མ་སོགས་ཕྱོགས་གཅིག་ལ་ཤོར་འགྲོ་བའི་དཀའ་ཁག་དེ་སེལ་བ་ལ། གཤམ་གྱི་ངོ་སྤྲོད་ལྟར་གཟིགས་དང་ཧ་ཅང་སླ།

དང་པོ་ Edit ནང་ལ་སོང་། དེ་ནས་མར་སོང་ལ་གཤམ་ནས་ Preferences དང་། དེ་ནས་ Type.. ཟེར་བ་དེའི་ནང་ལ་སོང་།

དང་པོ་ཁྱོད་ཀྱི་འདི་ Middle Eastern སྟེང་ལ་ཡོད་ཚེ་དེ་ལྟ་བཞག་ན་འགྲིག གལ་སྲིད་དེ་ལྟར་མ་ཡིན་པར་  East Asia སྟེང་ལ་ཡོད་ཚེ་ངེས་པར་བརྗེ་དགོས་པས། ཁྱོད་ཀྱིས་ type ནང་གི་དཀར་ཆག་ལས་East Asia ཟེར་བ་དེའི་སྟེང་ལ་ཡོད་ཚེ། དེ་གཤམ་གྱི་ Middle Eastern ཟེར་བ་དེའི་སྟེང་ལ་བཞག་ནས་ ok ནོན། དེ་ནས་ཁྱོད་ཀྱིས་པར་སྒྲིག་མཉེན་ཆས་སྒོ་ངེས་པར་རྒྱག་དགོས། སྒོ་བརྒྱབ་ནས་ཕྱིར་བླངས་ཚེ། རྟགས་ཏེ་ East Asia དང་ Middle Eastern གཉིས་ལས་ Middle Eastern སྟེང་ལ་ཡོད་པས་དེའི་་ཕྱིར་ East Asia སྟེང་རྟགས་བྱ་དགོས་གཤམ་ནས་དཔེ་རིས་ལ་གཟིགས།

དེ་ནས་ཡང་བསྐྱར་སྒོ་ཕྱེས་པ་དང་ Edit ནང་ལ་སོང་། དེ་ནས་མར་སོང་ལ་གཤམ་ནས་ Preferences དང་དེ་ནས་ Type.. ཟེར་བ་དེའི་ནང་ལ་སོང་།

དེ་ནས་ཁྱོད་ཀྱིས་ཡང་ East Asia ཟེར་བ་དེའི་སྟེང་ལ་རྟགས་རྒྱག་དགོས།

ད་གཟོད་ཁྱོད་ཀྱིས་ཤོག་བུ་གསར་པ་བླངས་ནས་ཡི་གེ་ཕྲིས་དང་ཡི་གེ་འཐོར་བ་དེ་མེད།  ཤེས་དགོས་པ་ཞིག་ལ།  ཁྱོད་ཀྱིས་ལས་ཀ་བྱེད་བཞིན་པའི་སྐབས་དང་ཡང་ན།  ཁྱོད་ཀྱི་པར་སྒྲིག་མཉེན་ཆས་ནང་ཤོག་བུ་དང་པར་སོགས་བླངས་ནས་འདི་ལྟར་སྒྲིག་ཀྱང་ཡི་གེ་བཅོས་མི་ཐུབ། དེ་བཅོས་སྒྲིག་བྱེད་པ་ལ། ངེས་པར་དང་པོ་སྒྲིག་ཚར་བ་དང་།  དེ་ནས་ཤོག་བུ་དང་པར་བླངས་ན་ད་གཟོད་བཅོས་ཐུབ། 

དཔེ་རིས་ཙམ།