Loading...

Adobe InDesign ནི་དེང་དུས་ཀྱི་དཔེ་དེབ་སྒྲིག་གནས་ཡག་ཤོས་ཡིན། ཡིན་ཡང་ Adobe InDesign ཐོན་རིམ་ CS དྲུག་པ་ལྔ་པ་བཞི་པ་སོགས་ནི་ཐོན་རིམ་གསུམ་པ་ནང་བཞིན་མ་ཡིན་པར་བོད་ཡིག་མ་ལག་ནས་དམིགས་བསལ་སྒྲིག་འགོད་བྱེད་དགོས། གལ་སྲིད་ཁྱོད་ཀྱིས་སྒྲིག་འགོད་མ་བྱས་ཚེ་འདོགས་ཅན་དང་དབྱངས་ཡིག་བརྩེགས་ཡིག་སོགས་འཐོར་འགྲོ་བའི་དཀའ་ཁག་ཅིག་ཡོད། གོང་གི་དཔེ་རིས་སྟེང་གསལ་བ་བཞིན་དབྱངས་རང་འདོགས་ཅན་བརྩེགས་མ་སོགས་འཐོར་འགྲོ་བའི་དཀའ་ངལ་དེ་སེལ་བ་ལ་གཤམ་གྱི་ངོ་སྤྲོད་ལྟར་སྒྲིག་དགོ།་ཡོད།

འདིར་ཡི་གེ་དག་ནག་པོ་བྱས་ཏེ་དེ་ནས་ Paragraph Styles ནང་སོང་དེ་ནས་ Normal+ ཟེར་བ་དེའི་ནང་སོང་ལ་མདའ་རྩེ་གཡས་པ་ནས་ནོན།

དེ་ནས་ Edit “Normal” ཟེར་བ་དེ་ནས་ནོན།

དེ་ནས་ General ཟེར་བ་དེའི་ནང་མར་གཤམ་ལ་སོང་ནས་ Justification ཟེར་བ་དེ་ནས་ནོན།

Justification ཟེར་བ་དེ་ནས་མནན་ནས་གཡས་ངོས་སུ་ཡོད་པའི་ Composer ཟེར་བ་དེའི་ནང་ནས་ Adobe Word-Ready Single-line Composer ཟེར་བ་དང་། Adobe Word-Ready Paragraph Composer ཟེར་བ་གཉིས་ཀྱི་གང་འདེམ་ཡང་ཆོག དེ་གཉིས་གང་རུང་འདེམ་ལ་གཤམ་ནས་ ok སྟེང་ལ་ནོན་དང་འགྲིག་པ་ཡིན།

འདིར་བཀོད་པ་ལྟར་ཡིན།

འདི་དཔེ་མཚོན་ཙམ་ཡིན། ཡང་དེ་ལས་སླ་བ་བྱེད་དགོས་ཚེ་གཤམ་གྱི་སྒྲིག་འགོད་ཀྱི་དཔེ་རིས་ལ་གཟིགས།

InDesign 08.jpg

ཡི་གེ་དག་ནག་པོ་བཟོ་དགོས། དེ་ནས་གཡས་ཕྱོགས་ཀྱི་གྲུ་ཟུར་ལ་ལྟོས་དང་མེ་རྟགས་འདྲ་བ་དེའི་གཡས་སུ་ཡོད་པའི་རི་མོ་དེ་ནས་ནོན་དང་ཡང་ Adobe Word-Ready Single-line Composer ཟེར་བ་དང་། Adobe Word-Ready Paragraph Composer གཉིས་ཀ་འདེམ་ཐུབ། གཤམ་གྱི་དཔེ་རིས་ལ་ལྟོས།

InDesign 09.jpg

འདིར་མདའ་རྩེ་འདྲ་བ་དེ་ནས་ནོན་ལ་གཤམ་གྱི་ Adobe Word-Ready Single-line Composer ཟེར་བ་དང་། Adobe Word-Ready Paragraph Composer གཉིས་ཀྱི་གང་རུང་ལ་ནོན་དང་ཡི་གེ་ཚང་མ་སྒྲིག་ཡོང་།

InDesign 10.jpg

དཔེ་རིས་ཙམ་མོ།