Loading...

Universal Tibetan Font Converter  མཉེན་ཆས་འདི་ནི་བོད་ཡིག་གི་ཡིག་གཟུགས་མི་འདྲ་བ། དཔེར་ན།  TCRC དང་པཎྜིཏ་ལྟ་བུ་སོགས་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ Unicode ཅན་ལ་སྒྱུར་བྱེེད་མཉེན་ཆས་ཡིན་ལ། མིང་བསྡུས་ན་ UTFC ཟེར། འདིས་ཁྱོད་ཀྱི་ཡིག་ཆ་གང་ཡིན་ཡང་ཡིག་གཟུགས་གཅིག་གྱུར་ཨང་རྟགས་ཅན་ལ་བསྒྱུར་ཐུབ། གཤམ་ནས་ངོ་སྤྲོད་ལ་གཟིགས།

འདི་ཡིག་གཟུགས་སྒྱུར་བྱེད་མཉེན་ཆས་ UTFC  ཡིན། གོང་ལ་རེའུ་མིག་ཁ་ཤས་ཡོད། དེ་དག་ནི་ཁྱོད་ཀྱིས་མ་ཡིག་དང་བུ་ཡིག་ལེན་གནས་དང་། དེ་དག་གི་ཡིག་གཟུགས་འདེམས་གནས་ཡིན། གོང་གི་ Sourec File མ་ཡིག་གང་སྒྱུར་བའི་ཡིག་གཟུགས་གང་ཡིན་པ་དེ་འདེམས་གནས། གཉིས་པ་ Target File བུ་ཡིག་གང་ལ་བསྒྱུར་ནས་ཉར་དགོས་པའི་ས་གནས་འདེམས་གནས་ཡིན། གཤམ་ནས་དཔེ་རིས་ཀྱི་སྒོ་ནས་ངོ་སྤྲོད་བྱེད་རྒྱུ་ཡིན།

དཔེར་ན། གོང་གི་དཔེ་རིས་ངོས་སུ་ཡོད་པའི་ཡི་གེ་དེ་ནི་ TCRC Bob-Yig རེད། ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་མ་ཡིག་སྒྱུར་བྱའི་ཡིག་གཟུགས་དེ་གང་ཡིན་ཤེས་དགོས། དཔེར་ན། TCRC  ནང་ཡོད་པའི་ཡིག་གཟུགས་ཤིག་ཡིན་ན་དེའི་མིང་ངེས་པར་ཤེས་དགོས།

དེ་ནས་ཡིག་ཆ་དེ་ Word གསར་བ་ཞིག་གི་ནང་ Rich Text Format ཞེས་པའི་ཐོག་ཉར་ཚགས་བྱེད་དགོས་པས། དང་པོ་ཉར་ཚགས་ལོག་ཉར་ save as ཟེར་བ་དེ་ནས་ཉར་ཚགས་བྱེད་དགོས། གཤམ་གྱི་དཔེ་རིས་ལ་གཟིགས།

གོང་ན་ཡོད་པའི་ Word ཡིག་ཆ་ཉར་ཚགས་ནས་ངེས་པར་ཡིག་ཆ་ Rich Text Format དེ་བདམས་ནས་དེའི་སྟེང་ཉར་ཚགས་བྱེད་དགོས།

ཉར་ཚགས་བྱེད་པ། ཉར་ཚགས་ལ་ཡང་ཁྱོད་ཀྱིས་བུ་ཡིག་དང་མ་ཡིག་མི་ནོར་བའི་མིང་ཞིག་འདོགས་དགོས།

དེ་ནས་ཡང་བསྐྱར་ཡིག་ཆ་ཚུར་ལེན་གནས་ Word གསར་པ་སྟོང་པ་ཞིག་དགོས།  དེ་ཡང་ཁྱོད་ཀྱིས་ངེས་པར་དུ་ Rich Text Format ཟེར་བའི་ནང་ཉར་ཚགས་བྱེད་དགོས། དེ་ནི་ཁྱོད་ཀྱི་ཡིག་གཟུགས་བུ་ཡིག་དེ་ཉར་གནས་ཡིན། གཤམ་གྱི་དཔེ་རིས་ལ་གཟིགས།

དེ་ནི་ཁྱོད་ཀྱིས་ཡི་གེ་གསར་པ་ལེན་ས་ཡིན་པས་མིང་གཞན་ཞིག་འབྲི་དགོས། འདིར་དཔེ་མཚོན་དུ་ Two ཟེར་ནས་བྲིས་ཡོད། འདི་ནི་ཁྱོད་ཀྱི་ཡིག་ཆ་དེ་ཚུར་ལེན་གནས་ཡིན་པས་སྟོང་པར་ཉར་དགོས། ཤོག་བུ་འདི་སྟོང་པ་ཡིན།

ཉར་ཚགས་བྱེད་པ།

དེ་ནས་ཁྱོད་ཀྱིས་ UTFC ནང་སོང་ནས་ཡིག་གཟུགས་འདེམ་དགོས། གོང་ནས་མ་ཡིག་ TCRC Bod-Yig ཡོད་པའི་དང་པོའི་ནང་ཡིག་གཟུགས་ TCRC Bod-Yig དེ་འདེམ་དགོས།

གཉིས་པ། ཁྱོད་ཀྱིས་ཡིག་གཟུགས་དེ་ཚོ་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ Unicode བསྒྱུར་དགོས་པས་གཉིས་པའི་ནང་ཡིག་གཟུགས་ Unicode འདེམ་དགོས།

དེ་ནས་གཤམ་དུ་་ཁྱོད་ཀྱི་མ་ཡིག་གི་ཡིག་ཆའི་རྣམ་གྲངས་ཀྱི་ངོ་བོ་གང་ཡིན་པ་དེ་འདེམ་དགོས། འདིར་ང་ཚོས་ Rich Text Format བདམས་ཡོད་པས་དེ་འདེམ་དགོས།

དེ་ནས་གཉིས་པའི་ནང་བུ་ཡིག་ལེན་ས་ཡིན་པས་ཡང་བསྐྱར་དེ་སྔོན་གྱི་ཡིག་ཆའི་རྣམ་གྲངས་ Rich Text Format དེ་འདེམ་དགོས།

དེ་ནས་ཁྱོད་ཀྱིས་གོང་ནས་མར་རྩིས་པའི་རེའུ་མིག་གསུམ་པའི་ཡིག་ཆ་ལེན་གནས་ནས་གཡོན་པ་སྟེ་དང་པོའི་ནང་ Browse ཟེར་བ་དེ་ནོན་ལ་སྔོན་གྱི་ཡིག་ཆ་མ་ཡིག་གང་སྒྱུར་བྱའི་ཡི་གེ་དེ་ལེན་དགོས། དཔེར་ན། འདིར་གོང་ནས་གང་སྒྱུར་བྱའི་ཡི་གེ་མིང་ལ་ One ཟེར་བའི་ཡིག་ཆ་དེ་ལེན་དགོས། གཡས་པ་སྟེ་གཉིས་པའི་ནང་ Browse ཟེར་བ་དེ་ནོན་ལ་གང་ལ་བསྒྱུར་ནས་ལེན་པའི་གནས་ཡིག་ཤོག་སྟོང་པ་དེ་ལེན་དགོས་པས། དེའི་ནང་ Browse ཟེར་བ་དེ་ནོན་ལ་སྔོན་གྱི་ཡིག་ཆའི་མ་ཡིག་ Two ཟེར་བའི་ཡིག་ཆ་དེ་ལེན་དགོས། གཤམ་གྱི་དཔེ་རིས་ལ་གཟིགས།

 

མ་ཡིག་ལེན་པ།

གང་ལ་བསྒྱུར་ནས་ལེན་གནས་ཤོག་བུ་ལེན་པ།

ད་ནི་ཁྱོད་ཀྱིས་ཡིག་ཆ་གཏན་ཁེལ་བྱས་ཚར་བ་ཡིན། མ་ཡིག་ TCRC Bod-Yig ནས་ Unicode ལ་སྒྱུར་བ། ཡིག་ཆའི་རྣམ་གྲངས་དེ་ Word ནང་གི་ Rich fomat text ཡིན་པ། དེ་ནས་ཡིག་ཆ་ལེན་ཚར་བ། བླངས་ནས་གང་ལ་བླུགས་གནས་གཏན་ཁེལ་པ་ཡིན་པས་བརྗེ་སྒྱུར་  Convert ཟེར་བ་དེ་ནས་ནོན་ལ་སྒྱུར།

འདིར་ཁྱོད་ཀྱི་ཡིག་གཟུགས་བསྒྱུར་ཚར་བ་ཡིན་པས་ OK ནས་ནོན།  དེ་ནས་ཡིག་ཆའི་སྒོ་ཕྱེས་དང་བསྒྱུར་ཚར་བ་ཡིན། གཤམ་གྱི་དཔེ་རིས་ལ་གཟིགས།

དཔེ་རིས།